མཚོ་ལྷོ་ཁུལ་མང་རྫོང་ནོར་དཀར་ཕྱུགས་རྒྱུད་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་ནི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བཟོ་འགོད་ལག་བསྟར་བྱ་དགོས་པའི་དགོངས་དོན་ལྟར་ 2016ལོར་ཁྱིམ་ཚང་བཅུ་ཡིས་མཉམ་འབྲེལ་སྒོས་བཙུགས་པའི་མཉམ་ལས་ཁང་ཞིག་ཡིན། ཀྲུང་གོའི་གཅེས་ནོར་དུ་གྲགས་པའི་དཔའ་རིས་ནོར་དཀར་ནང་འདྲེན་བྱས་ཏེ། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན་བྱེད་ཆེད་ཤུགས་ཆེ་རུ་བཏང་ཏེ་ས་གནས་སྐྱེས་ཁམས་ཡུལ་སྐོར་ལྗོངས་རྒྱུའི་ལྟེ་གནས་སུ་སྒྱུར་བར་འབད་བརྩོན་བྱ་རྒྱུ་བཅས་ཡིན།
བྲིས་རིས་སྒྱུ་རྩལ་ཐོན་རྫས་བྱི་ལ།
བྲིས་རིས་སྒྱུ་རྩལ་ཐོན་རྫས་བྱིས་པ།
བྲིས་རིས་སྒྱུ་རྩལ་ཐོན་རྫས་སྐྱེས་པ།
ཁོར་ཡུག་ལ་མི་རིགས་ཀྱི་རིག་གནས་རྣམ་པ་ཟབ་མོ་ལྡན་དགོས་པ་མ་ཟད། མི་རིགས་རིག་གནས་ཀྱི་དམིགས་བསལ་ཁྱད་ཆོས་མངོན་པར་མཚོན་ཡོད།
ནང་དོན་ཚན་རིག་དང་མཐུན་པ། ཡིད་རྟོན་རུང་བ། མཚོན་བྱེད་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།
རྣམ་པ་སྣ་མང་ཅན་དང་སྒྱུ་རྩལ་རང་བཞིན་གྱིས་མི་རིགས་རིག་གནས་སྒྱུ་རྩལ་གང་ལེགས་མངོན་ཡོད།
འབྲི་མར་གྱི་ནུས་པ་ནི་གློ་རྡོལ་དང་སྐེམ་པོ། གཅོང་ནད། དུག་ནད་སེལ་བ། རླུང་མཁྲིས་སེལ་བ་བཅས་ཀྱི་ཁྱད་ཆོས་ཡོད།
ཤ་སྐམ་འདི་ཡི་རོ་བཅུད་ལེགས་ཤིང་འཚོ་བཅུད་ཕུན་སུམ་ཚོགས་པས་མིའི་ལུས་ཟུངས་གསོ་བའི་ཟས་མཆོག་དང་འཕྲོད་བསྟེན་ལ་ཕན་པའི་སྨན་མཆོག་ཞིག་ཏུ་ངོས་འཛིན་བྱས་ཡོད།
གྲོ་མའི་ཕན་ནུས་ནི་རླུང་ཁྲག་དང་ཕོ་མཚེར་གྱི་སྟོབས་གསོ་བ། ཚ་བ་རྒྱས་སྐབས་སྐོམ་པ་དང་ལུ་བ། ཟུང་ཁྲག་ཉམས་པ་དང་འཚོ་བཅུད་ཞན་པ། ཁོག་པ་བཤལ་བ་སོགས་ལ་ཕན།
དར་བས་ཕོ་བའི་མེ་དྲོད་སྐྱེད་ཅིང་། སྐྲན་ནད་དང་མཚེར་བའི་ནད། གཞང་འབྲུམ་གྱི་ནད། མར་མ་ཞུ་བའི་ནད། དུག་ནད་བཅས་སེལ་ནུས།
ཆུར་བས་ཁ་ཟས་ཀྱི་ཡི་ག་འབྱེད་པ་དང་། རྟུག་པ་སྐམ་པ་སེལ་བ། བད་ཀན་གྱི་ནད་འཇོམས་པ་སོགས་བྱེད་ཐུབ
ཆུར་ཁུས་བད་ཀན་གྱི་ནད་སེལ་ཞིང་རླུང་མཁྲིས་ལ་མི་གནོད་ལ། རྩ་སྦུབས་ཀྱི་ནད་སྦྱོང་བར་བྱེད་ནུས། ཆུར་ཁུ་མང་དུ་བསྟེན་པས་དུག་ཁོང་ནས་འཁྲུ་བར་བྱེད་ནུས།
མཚོ་ལྷོ་མང་རྫོང་བྱེ་སྣ་ས་ཁུལ།
17797376878
13299846111