ཡོངས་འཛིན་འཚོལ་བཤེར་ལ་འཇུག་ཐབས་གསལ་བཤད།

ཁ་པར་སྣེ་ཕབ་ལེན།

yongzin.com yongzin.com
logo

རི་མོའི་ལམ་སྟོན།

དཀར་ཆག


དང་པོ།  ཐོ་འགོད་དང་ཐོ་ཞུགས་ཀྱི་སྐོར། གཉིས་པ།  ཡར་སྤྲོད་དང་ཕབ་ལེན་གྱི་སྐོར། གསུམ་པ།  ཆ་བསགས་དང་རིམ་པ་བརྩི་ཚུལ། བཞི་བ།  རྩོམ་སྒྲིག་དང་འཐུས་ཚང་། ལྔ་བ།  འཚོལ་བཤེར་ཐབས་ལམ། དྲུག་པ།  ང་ཚོའི་འབྲེལ་ལམ།

དང་པོ། ཐོ་འགོད་དང་ཐོ་ཞུགས་ཇི་ལྟར་བྱེད་དགོས་སམ།

  འཚོལ་བཤེར་མ་ལག་གི་གཙོ་ངོས།
yongzin.com

     དང་པོ་དྲ་ཚིགས་ཀྱི་ཁ་འབྱེད་དགོས་པ་ཡིན།  དྲ་ངོས་བཤར་ཆས་ནང་དུ་  www.yongzin.com  ཞེས་གཏག་ཏེ་གཏན་འཁེལ་བྱས་པ་ཡིན་ན་གོང་གི་ཡོངས་འཛིན་འཚོལ་བཤེར་གྱི་དྲ་ངོས་འདི་ཡོང་གི་རེད།  དེ་ནས་ཐོ་ཞུགས་བྱེད་པའམ་ཡང་ན་ཐོ་འགོད་བྱེད་པ་ཡིན་པ་ལྟར་གདམས་དགོས།

  ཐོ་འགོད་ཀྱི་དྲ་ངོས།
yongzin.com

     གོང་གི་རིམ་པ་ལྟར་གལ་སྲིད་ཐོ་འགོད་བྱེད་པ་ཡིན་ན་འདི་ནི་ཐོ་འགོད་ཀྱི་དྲ་ངོས་ཡིན་ཏེ།  སྐུ་ཉིད་ཀྱིས་ངེས་པར་དུ་མཁོ་སྤྲོད་བྱེད་དགོས་པའི་ཆ་འཕྲིན་དག་སྟོང་ཆའི་གམ་གྱི་གསལ་འདེབས་ཅི་བཞིན་གང་ལ་གང་འཚམས་ཀྱིས་སྐོང་བར་བགྱི།

  ཐོ་ཞུགས་ཀྱི་དྲ་ངོས།
yongzin.com

     གལ་སྲིད་ཁྱེད་ཀྱིས་ཐོ་འགོད་ཀྱི་རིམ་པ་ཡོངས་སུ་འགྲུབ་པ་ཡིན་ན་རང་གི་ཐོ་འགོད་བྱས་པའི་མིང་དང་གསང་གྲངས་རེ་རེ་བཞིན་འདིར་གཏག་ནས་ཐོ་ཞུགས་བྱས་ཆོག

  གསང་གྲངས་ཕྱིར་འཚོལ་ན་ཅི་ལྟར་བྱ།
yongzin.com

     གལ་སྲིད་ཁྱེད་ཀྱིས་གསང་གྲངས་བརྗེད་པ་ཡིན་ན་ཐོ་ཞུགས་བྱེད་པའི་དྲ་ངོས་སུ་སོང་སྟེ་༼ གསང་གྲངས་བརྗེད་པ། ༽ཞེས་པར་མནན་ན་གསང་གྲངས་ཕྱིར་འཚོལ་བྱེད་པའི་དྲ་ངོས་སུ་སླེབས་ནུས།

  མི་སྒེར་ལྟེ་གནས།
yongzin.com yongzin.com yongzin.com yongzin.com yongzin.com yongzin.com yongzin.com yongzin.com

     ཐོ་ཞུགས་བྱས་རྗེས་གཙོ་ངོས་དང་སྡེ་ཚན་སོ་སོའི་དྲ་ངོས་ཀྱི་གོང་ན་རང་གི་ཐོ་ཞུགས་མིང་ཤར་ཡོད་པ་དེར་ཙིག་རྟགས་ཀྱི་གཟུགས་དང་ཕྲདཙ་ན་རང་འགུལ་གྱིས་མི་སྒེར་ལྟེ་གནས་ཞེས་པའི་ཤོག་ངོས་ཆུང་ཆུང་ཞིག་ཤར་ཡོང་གི་ཡིན།  དེའི་སྟེང་ནས་རང་ཉིད་ཀྱི་གདམ་བྱ་གང་ཡིན་པ་དེར་རྡེབ་གནོན་བྱས་ཆོག

གཉིས་པ། ཡར་སྤྲོད་དང་ཕབ་ལེན་གྱི་སྐོར་ངོ་སྤྲོད།

  པར་རིས་ཡར་སྤྲོད།
yongzin.com

     རིམ་པ་དང་པོ་ཐོ་ཞུགས་བྱས་རྗེས་གོང་གི་རི་མོའི་ནང་གི་ཚོན་མདོག་དམར་པོའི་རྟགས་བརྒྱབ་ཡོད་པ་དེ་བཞིན་དུ་མི་སྒེར་ལྟེ་གནས་ལས་ངེད་ཀྱི་པར་རིས་ཞེས་པར་རྡེབ་གནོན་བྱེད་ཆོག

yongzin.com

     རིམ་པ་གཉིས་པ་པར་རིས་ཀྱི་ནང་དུ་ཚོན་མདོན་དམར་པོའི་རྟགས་བརྒྱབ་ཡོད་པ་ནང་བཞིན་དུ་པར་རིས་ཡར་སྤྲོད་བྱེད་སའི་གནས་དེར་རྡེབ་གནོན་བྱེད་ཆོག

yongzin.com

     རིམ་པ་གསུམ་པ་རང་གི་སྤྲོད་བྱའི་པར་རིས་དེ་གདམ་དགོས།

yongzin.com

     རིམ་པ་བཞི་བ་རང་གིས་བཟོས་ཟིན་པའི་པར་མཛོད་འདེམ་པའམ་ངེས་པར་དུ་པར་རིས་ཀྱི་གདོང་འཛར་བཟོ་དགོས།;  འདི་ནི་ཁྱེད་ཀྱི་པར་རིས་དེ་འཚོལ་བཤེར་ནུས་པའི་ཆེད་དུ་ཡིན།

yongzin.com

     འདི་ནས་པར་མིང་ཅིག་གཏགས་རྗེས་ཡར་སྤྲོད་བྱེད་དགོས།

yongzin.com

     ཡར་སྤྲོད་ལེགས་འགྲུབ་བྱུང་རྗེས་ཀྱི་རྣམ་པ་འདི་འདྲ་ཡིན།

  བརྙན་རིས་ཡར་སྤྲོད།
yongzin.com

     ཐོ་ཞུགས་བྱས་རྗེས་གོང་གི་རི་མོའི་ནང་དུ་ཚོན་མདོག་དམར་པོའི་རྟགས་བརྒྱབ་ཡོད་པའི་ངེད་ཀྱི་བརྙན་རིས་ཞེས་པར་རྡེབ་གནོན་བྱས་སྟེ་མི་སྒེར་བསྟི་གནས་སུ་སླེབས་ཆོག

yongzin.com

     འདི་ནས་རང་གི་ཡར་སྤྲོད་བྱས་པའི་བརྙན་རིས་ཀྱི་གནས་ཚུལ་དང་སྤྱོད་བདག་གི་ཚད་རིམ་སོགས་ལ་གཟིགས་ཆོག  དེ་མིན་གཙོ་ངོས་ཀྱི་བརྙན་རིས་ཡར་སྤྲོད་བྱེད་ས་ལས་འདིར་ཡང་རང་གི་བརྙན་རིས་ཡར་སྤྲོད་བྱས་ཆོག་པ་ཡིན།

yongzin.com

     བརྙན་རིས་ཡར་སྤྲོད་ཀྱི་དྲ་ངོས་དང་སྤྲོད་བྱའི་བརྙན་རིས་གདམ་པའི་རྣམ་པ།

yongzin.com

     བརྙན་རིས་ཡར་འཕྲོད་པའི་རྣམ་པ་དང་བརྙན་རིས་གསལ་བཤད་ཀྱི་སྟོང་ཆ་སྐོང་བ།

yongzin.com

     ཡར་སྤྲོད་ལེགས་འགྲུབ་བྱུང་ཡོད་པའི་བརྙན་རིས་འདིར་ཤར་ཡོད།  དེ་མིན་བཟོ་བཅོས་དང་འདོར་བསུབ་བྱས་ན་ཡང་ཆོག

  གླུ་དབྱངས་ཡར་སྤྲོད།
yongzin.com

     གླུ་དབྱངས་ཡར་སྤྲོད་བྱེད་སྐབས་གླུ་དབྱངས་སྡེ་ཚན་གྱི་མི་སྒེར་བསྟི་གནས་སུ་ངེད་ཀྱི་གླུ་དབྱངས་ཞེས་པར་རྡེབ་གནོན་བྱས་རྗེས་གླུ་དབྱངས་ཡར་སྤྲོད་བྱེད་སར་སླེབས་ཐུབ།

yongzin.com

     གོང་གསལ་གྱི་རྟགས་ཚོས་མདོག་དམར་པོའི་ནང་གི་གླུ་དབྱངས་ཡར་སྤྲོད་ལ་རྡེབ་གནོན་བྱས་ན་ཡར་སྤྲོད་བྱའི་གླུ་དབྱངས་གདམས་པའི་དྲ་ངོས་ལྡང་ཡོང་གི་ཡིན།

yongzin.com

     ཡར་སྤྲོད་བྱའི་གླུ་དབྱངས་དེ་གདམས་ནས་ཡར་སྤྲོད་བྱེད་པ།

yongzin.com

     གླུ་དབྱངས་གདམས་རྗེས་ཁ་བྱང་དང་གླུ་གཞས་ངོ་སྤྲོད་སོགས་རེ་རེ་བཞིན་སྐོང་དགོས།

yongzin.com

     རང་གི་ཡར་སྤྲོད་བྱས་པའི་གླུ་དབྱངས་དང་ཉན་གསན་གྱི་ཟིན་ཐོ།  དེ་མིན་བསྡུ་ཉར་བྱས་པའི་གླུ་དབྱངས་སོགས་རེ་རེ་བཞིན་འདིར་ཟིན་ཐོར་བཀོད་ཡོད་པ་ཡིན།

  ཡིག་ཚང་ཡར་སྤྲོད།
yongzin.com yongzin.com

     ཡིག་ཚང་སྡེ་ཚན་གྱི་ངེད་ཀྱི་ཡིག་ཚང་ཅེས་པར་རྡེབ་གནོན་བྱེད་པའམ་ཡང་ན་ཡིག་ཚང་གི་དྲ་ངོས་སུ་ངེད་ཀྱི་ཡིག་ཚགས་ཡར་སྤྲོད་ཞེས་པར་རྡེབ་གནོན་བྱེད་པ་ཡིན་ན་ཡིག་ཚང་ཡར་སྤྲོད་བྱེད་སའི་དྲ་ངོས་སུ་སླེབས་ཐུབ།  དེ་མིན་ད་དུང་དཔེ་ཆར་གཟིགས་སའི་དྲ་ངོས་སུ་ཡང་ངེད་ཀྱི་རིག་ཚགས་ཡར་སྤྲོད་བྱེད་ས་ཡོད་པ་གོང་གི་པར་རིས་ན་གསལ།

yongzin.com

     གཞན་ཡར་སྤྲོད་བྱའི་ཡིག་ཚང་དེ་རྣམ་པ་གང་འདྲ་ཅིག་གི་སྒོ་ནས་སྤྲོད་དགོས་པ་སོགས་ཞིབ་ཏུ་གོང་གི་པར་རིས་ནང་དུ་རྟགས་སེར་པོ་བརྒྱབ་ཡོད་པ་ཡིག་ཚང་གི་དྲ་ངོས་ན་གསལ་བཤད་བྱས་ཡོད་པའི་དེར་གཟིགས་རོགས་ཞུ།

  པར་རིས་ཕབ་ལེན།
yongzin.com yongzin.com

     པར་རིས་སྡེ་ཚན་གྱི་དྲ་ངོས་སུ་སླེབས་རྗེས་འཚོལ་བྱའི་པར་རིས་ཀྱི་མིང་ལྟར་འཚོལ་བཤེར་བྱེད་ཆོགདེ་ནས་འཚོལ་བཤེར་བྱས་པའི་འབྲས་བུའི་དྲ་ངོས་སུ་པར་རིས་གང་རུང་གི་སྟེང་ལ་རྡེབ་གནོན་བྱས་ན་པར་རིས་ཇེ་ཆེར་སོང་ནས་གསལ་བོ་ཅིག་མཐོང་གི་ཡིན།

yongzin.com

     ཕབ་བྱའི་པར་རིས་ཀྱི་སྟེང་དུ་ཙིག་རྟག་གི་གཡོན་ནས་རྡེབ་གནོན་བྱས་ཏེ་ཕབ་ལེན་བྱས་ཆོག

yongzin.com

     འདིར་ནི་པར་རིས་ཀྱི་གདོང་འཛར་བཟོས་ཚར་རྗེས་སུ་པར་རིས་ལ་ཁ་བྱང་ཅིག་བཀོད་ནས་ཡར་སྤྲོད་བྱས་པ།  དེ་ནས་རང་གི་པར་རིས་ཀྱི་བསྟི་གནས་སུ་སླེབས་ཏེ་ཡར་སྤྲོད་ལེགས་འགྲུབ་བྱུང་བའི་པར་རིས་ཀྱི་གནས་རྣམ་པ་ཡིན།

  བརྙན་རིས་ཕབ་ལེན།
yongzin.com

     བརྙན་རིས་ཕབ་བྱ་དེར་རྡེབ་གནོན་བྱས་ཏེ་གཟིགས་དུས་གལ་སྲིད་དེ་ཡོངས་འཛིན་གྱི་ཞབས་ཞུའི་མ་ལག་ནང་དུ་ཡོད་པ་ཡིན་ན་ཐད་ཀར་དུ་ཕབ་ལེན་བྱ་ཆོག་པ་དང་མེད་པ་ཡིན་ན་ཕབ་ལེན་བྱ་ཐབས་མེད།  ངེས་པར་དུ་ཁོ་རང་གི་ཞབས་ཞུའི་མ་ལག་ཡོད་སར་ཚོད་ལྟ་བྱེད་དགོས།

yongzin.com

     འདི་ལྟ་བུ་ཕབ་ལེན་བྱེད་མི་ཐུབ།

yongzin.com

     འདི་ལྟ་བུ་ཕབ་ལེན་བྱེད་ཐུབ།

  གླུ་དབྱངས་ཕབ་ལེན།
yongzin.com

     ཕབ་བྱའི་གླུ་དབྱངས་དེར་མཉན་གསན་བྱེད་པའི་དྲ་ངོས་སུ་ཕབ་ལེན་གྱི་རྟགས་ཆུང་ཆུང་ཅིག་ཡོད་པ་དེར་ཙིག་རྟག་གིས་རྡེབ་གནོན་བྱས་ན་ཕབ་ལེན་བྱེད་ཐུབ།

  ཡིག་ཚང་ཕབ་ལེན།
yongzin.com

     ཕབ་བྱའི་གློག་རྡུལ་ཡིག་ཚང་ད་ཤར་ཡོད་དུས་འོག་གི་ཕབ་ལེན་ཞེས་པར་རྡེབ་གནོན་བྱས་ན་ཕབ་ལེན་བྱ་ཐུབ།  ཆ་རྐྱེན་ཅིག་ཡོད་པ་ནི་ངེས་པར་དུ་བསགས་སྐར་ལོངས་དགོས་པ་ཅིག་དགོས།  དེ་ཡང་བསགས་སྐར་ནི་ཡར་སྤྲོད་བྱས་པ་ལས་ཐོབ་པ་ཡིན།

yongzin.com

     བསགས་སྐར་ལྷག་མ་ག་ཚོད་ཡོད་པ་དང་ཡིག་ཚང་གི་རིན་ཡོན་ག་ཚོད་ཡིན་པ་གསལ་སྟོན།

གསུམ་པ།  བསགས་སྐར་དང་ཚད་རིམ་གྱི་གནས་ཚུལ།

  པར་རིས་ཀྱི་རིམ་པའི་གནས་ཚུལ།
yongzin.com

     པར་རིས་ཀྱི་རིམ་པའི་གནས་ཚུལ།

yongzin.com

     བརྙན་རིས་ཀྱི་རིམ་པའི་གནས་ཚུལ།

yongzin.com

     རིག་མཛོད་ཀྱི་རིམ་པའི་གནས་ཚུལ།

yongzin.com

     ཡིག་ཚང་གི་རིམ་པའི་གནས་ཚུལ།

yongzin.com

     དྲི་བ་དྲིས་ལན་གྱི་རིམ་པའི་གནས་ཚུལ།

བཞི་བ།  འཚོལ་བཤེར་བྱ་ཐབས་དང་རྩོམ་སྒྲིག  བཟོ་བཅོས་ཀྱི་སྐོར།

  འཚོལ་བྱ་དང་འཚོལ་བྱེད།  བཙལ་འབྲས།

    འཚོལ་བྱའི་ནང་དོན་དེ་གནད་དུ་འཁེལ་བའི་སྒོ་ནས་འཚོལ་དགོས་ན་འཚོལ་བྱེད་ཀྱི་རྒྱུ་ཡང་དག་ཅིག་དགོས་པ་ཡིན།  དེ་ནི་མིང་དང་ཚིག  ཡི་གེ་གསུམ་ལས་ཆེར་མེད་པར་བསམ།  གལ་སྲིད་ང་ཚོའི་རང་གི་འཚོལ་འདོད་པའི་ནང་དོན་དེ་འདི་ལྟར་གསལ་བོ་ཅིག་བསྟན་པ་ཡིན་ན་རྩིས་འཁོར་གྱིས་བཙལ་འབྲས་ཡང་དེ་ལྟར་ཡང་དག་ཅིག་འཚོལ་ཡོང་གི་ཡིན།  དེ་ནས་རྩོམ་སྒྲིག་བྱེད་པ་དང་གཞན་གྱིས་བཟོས་པའི་རིག་མཛོད་དང་དྲི་བ་དྲིས་ལན་འཐུས་ཚང་དུ་གཏོང་བ་ཡིན་དུས་ཡང་དོན་དག་ཆུང་ཆུང་ཅིག་གི་ངང་ནས་བསམ་བློ་གཏོང་བ་ཞིབ་མོར་འཇུག་རྒྱུ་དེ་གལ་ཆེ་བར་བསམ།

   ཡོངས་འཛིན་འབྲེལ་གཏུག་བྱེད་ས།
      ཡིག་སྒམ།  123491467@qq.com
      གཞུང་སྒུབ་ཁ་པར།  0974-8525359

   ཡོངས་འཛིན་ས་གནས།
      མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མཁར་བྱང་གཞིས་      གསར་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་རྟེན་གཞི།

ཀླད་ངོས་སུ་ལོག་པ།

Copyright © 2017